རྒྱལ་སྤྱིའི་མགར་དགོན་འཛིན་སྐྱོངས་ལྷན་ཚོགས་ཞེས་པའི་ཚོགས་པ་འདི་ནི། ཕྱི་རྒྱལ་ཤར་ནུབ་ཡུལ་གྲུ་ཁག་ལ་ཡོད་པའི༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེའི་འཕྲིན་ལས་ཀྱི་ཆ་ཤས་༧འབྲི་གུང་བཀའ་བརྒྱུད་མགར་དགོན་པའི་ཆོས་ཚོགས་ཁག་གི་འགན་འཛིན་བླ་མ་རྣམས་པ་ཚང་འཛོམ་གྱི་ཚོགས་པ་ཞིག་ཡིན་ལ། ཚོགས་པ་འདི་ལྟར་ཚུག་དགོས་པའི་དམིགས་ཡུལ་ནི། དེང་དུས་འཛིན་སྐྱོངས་ཀྱིས་འགྲོས་དང་མཐུན་པར་ཐུན་མོང་མཉམ་ལས་དགོས་རྒྱུ་ནི་མེད་ཐབས་མེད་པ་ཡིན་པར་མ་ཟད། ཡུལ་གྲུ་སོ་སོར་གནས་པའི་ཆོས་ཚོགས་རྣམས་ཀྱང་བླ་མ་གཅིག་དང་དགོན་པ་གཅིག་གི་ཁོངས་གཏོགས་ཡིན་པར་རྟེན་འཛིན་སྐྱོངས་སྒྲོམ་གཞི་གཅིག་གི་འོག་ཏུ་མཉམ་གནས་ཀྱིས་ཕན་ཚུན་གཞོགས་འདེགས་ལམ་བསྟོན་སོགས་ལས་དོན་དུ་མར་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་དང་མགར་དགོན་པའི་ཚབ་མཚོན་གྱི་ཚོགས་པ་ཞིག་ཡིན།

ཟླ་བཅུ་པ། 1st, 2023|0 Comments

སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་ཚེའི་ནང་དུས་ཡུན་རིང་ཤོས་བཞུགས་ཡུལ། གནས་ཆེན་གཉན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་འཁྲིས་སུ་ཡོད་པའི་ཐེགས་གསུམ་གཙུག་ལག་ཁང་དུ། འབྲི་གུང་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་ཐུན་མིན་ཟབ་ཆོས། གཟིམ་ཆུང་བཀའ་དབང་སྩལ་གནང་མཛད་སྐབས་ཟུར་དུ་གཟིམ་ཆུང་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་བྱུང་བ

ཟླ་ལྔ་པ། 10th, 2023|0 Comments

ཨ་རིའི་ཁུལ་གྱི་འབྲི་གུང་ཆོས་ཚོགས་ཁག་གི་བླ་མ་རྣམས་པས་གཙོས་པའི་ཨ་རིའི་འབྲི་འབངས་ནས། འདི་ལོ་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་མགར་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་ཟབ་རྒྱས་ཞིག་འབུལ་རྒྱུའི་གྲོས་འཆམ་བྱུང་སྟེ། བརྟན་བཞུགས་རྡོ་རྗེ་སློབ་དཔོན་དུ་༧སྐྱབས་རྗེ་ཁྲི་ཚབ་རིན་པོ་ཆེ་གདན་དྲངས་བའི་ཐོག ཨ་རིའི་འབྲི་གུང་བླ་མ་རྣམས་པས་དབུས་པའི་འབྲི་འབངས་ཁག་གཅིག་དང་། ནང་ཆེན་ཉེར་ལྔ་ཚོགས་པའི་མཐུས་ཚབ། དྲུང་རྨ་སེའི་རུས་ཚོགས་བཅས་དད་ལྡན་པ་རྣམས་རྗེ་ཉིད་ཀྱི་གདན་སར་གཅར་ནས་རྣམ་རྒྱལ་སྟོང་མཆོད་བསོག་སྒྲུབ་སོགས་ཞབས་རིམ་རྣམས་སྔོན་སོང་ཐོག་བརྟན་བཞུགས་ཟབ་རྒྱས་ཕུལ་ཡོད་པ།

ཟླ་བཅུ་གཅིག་པ། 2nd, 2021|0 Comments

མགར་དགོན་བྱང་ཆུབ་ཆོས་གླིང་དུ་༧སྐྱབས་མགོན་ཆོས་ཀྱི་སྣང་བའི་སྐུ་རིམ་དུ་རྣམ་རྒྱལ་སྟོང་མཆོད་དང། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་བཅས་འཚོགས་སྒྲུབ་གནང་བཞིན་པ་དང། འཁྲུང་སྐར་དངོས་གཞི་ལྷ་བབ་དུས་ཆེན་ཉིན་བླ་མ་མཆོད་པའི་མཆོད་སྤྲིན་དང་ཚོགས་འཁོར་དགའ་སྟོན་བཅས་ཀྱི་སྒོ་ནས་སྲུང་བརྩི་ཞུ་བཞིན་པ། https://gargon.org/wp-content/uploads/2021/11/Gargon1.mp4 https://gargon.org/wp-content/uploads/2021/11/Gargon2.mp4 https://gargon.org/wp-content/uploads/2021/11/Gargon3.mp4

ཟླ་དྲུག་པ། 14th, 2020|0 Comments

མགར་དགོན་བྱང་ཆུབ་ཆོས་གླིང་དུ་ལོ་ལྟར་གྱི་གལ་ཆེའི་དུས་མཆོད་ཁག་ལས། སངས་རྒྱས་བསྟན་པ་དར་ཞིང་ཡུན་རིང་དུ་གནས་པ་དང། འཇིག་རྟེན་ཁམས་སུ་ནད་མུག་མཚོན་འཁྲུག་སོགས་དུས་ཀྱི་རྒུད་པ་མཐའ་དག་ཞི་ནས་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཆེད་དུ་དམིག་ནས་སྒྲུབ་སྡེ་ཆེན་པོ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཁྲོ་རོལ་གཏོར་བཟློག་འཚོག་བཞིན་པ་དང། དེ་དག་གི་སྐབས་སུ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས། སྒེག་པ་དཔའ་བ་འཇིགས་སུ་རུང་བ་ལ་སོགས་པ། གར་གྱི་ཉམས་དགུ་དང་ལྡན་པའི་སྒོ་ནས་སྟང་སྟབས་ཕྱག་རྒྱ་གར་གྱི་རོལ་བའི་དཔར་རིས་འགའ་ཤས།

གསལ་བསྒྲགས།